བསམ་ཞིབ་དང་པ།

 



བྲི་སྒོ་ལག་ལེན་འཐབ་སྟེ་ སློབ་སྟོན་འབད་ཐངས།

༉   ད་རེས་ནངས་པ་ དུས་ཀྱི་འགྱུར་བ་དང་བསྟུན་ འཛམ་གླིང་རྒྱལ་ཁབ་ག་ཏེ་ལུ་ཡང་ བརྡ་དོན་འཕྲུལ་རིག་མ་འདྲཝ་ཚུ་ ལེ་ཤ་རང་

འཐོན་ཏེ་ཡོདཔ་ཨིན། དེ་ཚུ་ ང་བཅས་རའི་སློབ་གྲྭ་ཁག་ལས་ཕར་ སློབ་དཔོན་དང་སློབ་ཕྲུག་ཚུ་གིས་ ལྷབ་སྦྱང་ནང་ལུ་ གནམ་མེད་ས་མེད་ཕན་ཐོགས་ཅན་ཅིག་འབད་འགྱོ་སྟེ་ཡོད། དེ་ནང་ལས་ ད་ལྟོ་ང་བཅས་ཀྱིས་ ལྷབ་སྦྱང་འབད་དེ་ཡོད་མི་ བརྡ་དོན་འཕྲུལ་རིག་ བྲི་སྒོ་(Blog)   ཟེར་མི་འདི་ ག་དེ་སྦེ་ལག་ལེན་འཐབ་བཏུབ་ཨིན་ན་དང་ དེ་གི་ཕན་ཐོགས་ག་དེ་སྦེ་ཡོདཔ་ཨིན་ན་ མདོར་བསྡུས་ཅིག་བྲི་བ་ཅིན་་་དང་པ་ བྲི་སྒོ་ (Blog) ཟེར་མི་འདི་ག་དེ་སྦེ་ ལག་ལེན་འཐབ་བཏུབ་སྨོ་ཟེར་བ་ཅིན་ རང་གིས་དགའ་མི་ས་སྒོ་གཅིག་ པར་བཏབ་སྟེ་ འདི་གི་སྐོར་ལས་བཤད་པ་བྲིས་ཞིནམ་ལས་ ཤུལ་ལས་རང་བལྟ་ནིའི་དོན་ལུ་ བྲི་སྒོ་འདི་ནང་བཙུགས་བཞག་བཏུབ་པས། དེ་མ་ཚད་ རང་གིས་དགའ་མི་གློག་བརྙན་དང་ཞབས་ཁྲ་ ག་བཟུམ་དགོ་རུང་ དེ་ཚུ་ཡང་ ག་ཏེ་ལས་ཕབ་ལེན་འབད་དེ་འབད་རུང་ དེ་ཚུའི་ ཡོ་ཨཱ་རོལ་ (URL) གུར་ཨེབ་ཞིནམ་ལས་ ཡོ་ཨཱརོལ་ (URL) འདི་འདྲ་བཤུས་རྐྱབ་སྟེ་ བྲི་སྒོ་ནང་ལུ་བཙུགས་བཞག་བཏུབ་མ་ཚད་ རང་ནམ་བལྟ་དགོ་རུང་ བལྟ་ནི་ (view blog) ཟེར་མི་ལུ་འགྱོ་སྟེ་ཡོ་ཨཱརོལ་ (URL) གུར་ཨེབ་པའི་སྐབས་ རང་གིས་བཙུགས་མི་ཚུ་ ག་ར་བལྟ་བཏུབ་པས་ཟེར་ཞུ་ནི་ཨིན། དཔེར་ན་





གཉིས་པ་ བརྡ་དོན་འཕྲུལ་རིག་བྲི་སྒོ་ (Blog) འདི་གིས་ ད་ལྟོ་དང་ མ་འོངས་པ་གཉིས་ཆ་ར་ནང་ལུ་ སློབ་དཔོན་དང་སློབ་ཕྲུག་གིས་ 

ལྷབ་སྦྱང་ནང་ལུ་ཕན་ཐོགས་སྦོམ་སྦེ་རང་འབྱུང་ནི་ཨིན་མས། དེ་ཡང་ ག་ཁྱབ་ཟེར་བ་ཅིན་ སློབ་དཔོན་གྱིས་སློབ་སྟོན་འབད་ནི་ཨིན་པའི་ 

སློབ་སྟོན་འཆར་གཞི་ཚུ་ བཟོ་སྟེ་བྲི་སྒོ་ནང་བཙུགས་བཞག་པ་ཅིན་ སློབ་སྟོན་འབདཝ་ད་ དེ་ནང་ལས་འཇམ་ཏོང་ཏོ་སྦེ་འབད་ཚུགས་ནི་དང་ 

སློབ་ཕྲུག་ཚུ་གིས་འབད་རུང་ གསལ་ཞུ་ (Presentation) དེ་ཚུ་བཟོ་སྟེ་་ བྲི་སྒོ་ (Blog) ནང་ལུ་བཙུགས་བཞག་པ་ཅིན་  རང་ནམ་

དགོཔ་ཅིག་ དེ་ནང་ལས་བཏོན་ཏེ་ གསལ་ཞུ་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་སྡོད་ཚུགས་ནི་ཨིན་མས།

Comments

Popular posts from this blog