བསམ་ཞིབ་གསུམ་པ།

          Google   Doc.

༉ འཛམ་གླིང་རྒྱལ་ཁབ་མཐའ་ཡས་མེད་པར་ག་ར་ནང་ལུ་ ཧེ་མའི་དུས་དང་ད་རེས་ནངས་པའི་དུས་གཉིས་ཀྱི་བར་ན་ ལོག་ལྟབ་གསུམ་ལྟབ་ཀྱི་བསྒྱུར་བ་འགྱོ་སྟེ་ཡོདཔ་ཨིན། དེ་ནང་ལས་ མང་ཆེ་ཤོས་རང་ བརྡ་དོན་འཕྲུལ་རིག་མ་འདྲཝ་ལེ་ཤ་རང་འཐོན་དོ་ཡོདཔ་མ་ཚད་ འདི་དང་འཁྲིལ་ཏེ་ལག་ལེན་འཐབ་ཐངས་ཡང་སོ་སོ་དང་ གཅིག་བ་གཅིག་ཕན་ཐོགས་ཅན་ཙང་ཙ་རང་ཡོད། དེ་ཚུ་རང་གིས་ ལེགས་ཤོམ་སྦེ་ལག་ལེན་འཐབ་ཤེས་པ་ཅིན་ དེའི་ཁེ་ཕན་ཡང་ གནམ་མེད་ས་མེད་བསམ་གྱིས་མི་ཁྱབ་པ་ཅིག་འོང་ནི་ཨིནམ་འདི་ ངེས་གཏནཨིན་མས། དེ་བཟུམ་སྦེ་ ཁག་ཆེ་བའི་བརྡ་དོན་འཕྲུལ་རིག་ལེ་ཤ་ཡོད་པའི་ནང་ལས་ འཕྲིལ་རིག་ Google Doc.ཟེར་མི་འདི་ ག་དེ་སྦེ་ལག་ལེན་འཐབ་ཅི་ག་ དེའི་ཁེ་ཕན་ག་བཟུམ་ཡོད་ག་ དེ་ལས་ མ་འོངས་པ་ནང་ལུ་ ག་དེ་སྦེ་ལག་ལེན་འཐབ་ནི་ཨིན་ན་ རིམ་པ་བཞིན་དུ་བྲི་ནི་ཨིན།

དེ་ཡང་ དང་པ་ Google Doc.འདི་ག་དེ་སྦེ་ལག་ལེན་འཐབ་ཅི་ཟེར་བ་ཅིན་ སྦྱོང་ཚན་ ལྷབ་སྟོན་བརྡ་དོན་འཕྲུལ་རིག་ནང་ལུ་ ལས་

འགུལ་གྱི་དོན་ཚན་ བརྡ་དོན་འཕྲུལ་རིག་གང་རུང་ཅིག་ལག་ལེན་འཐབ་སྟེ་ སློབ་སྟོན་འཆར་གཞི་བཟོ་ནི་ནང་ལུ་ ལག་ལེན་འཐབ་ཅི། 

ལས་འགུལ་འདི་འབད་བའི་སྐབས་ གཅིག་ཁར་སྡོད་དེ་འབད་མ་དགོ་པར་ རང་ག་ཏེ་སྡོད་སའི་ས་གོ་ལས་ འབད་རུང་སྟབས་བདེ་ཏོག་ཏོ་

འདུག། དེ་མ་ཚད་ དེ་ནང་ལུ་ ལས་འགུལ་འདི་འབདཝ་ད་ གལ་སྲིད་ དོན་ཚན་དེའི་ཐོག་ལུ་ རང་གིས་བསམ་འཆར་བྲི་ནི་ཡོད་རུང་བྲིས་

བཏུབ་པའི་ཁར་ མ་བཏུབ་ཡོད་རུང་ ཞུན་དག་རྐྱབ་ནིའི་མཐུན་རྐྱེན་ཡང་འདུག། ལྷག་པར་དུ་ སྡེ་ཚན་ནང་དོག་བསྟུན་གྲོས་འབད་ནི་ཡོད་

རུང་ དེ་ནང་ གཅིག་གིས་གཅིག་བསམ་འཆར་(comment) བྱིན་ནི་ལ་སོགས་པའི་ཐོག་ལས་ ལག་ལེན་འཐབ་བཏུབ་པས། འདི་གི་

ཡང་མ་དོ་བར་ འཕྲུལ་རིག་སོ་སོ་ཚུ་ལག་ལེན་འཐབ་ཞིནམ་ལས་ དེ་ཚུ་གི་ ཡོངས་འབྲེལ་འཆར་སྒོ་ (Link) དེ་ཚུ་ཡང་ Google 

Doc. ནང་ལུ་འདྲ་བཤུས་འབད་འབག་སྟེ་ གཡོག་བཀོལ་བཏུབ་པས།

                                                     སྒྲུབ་བྱེད།







གཉིས་པ་ དེའི་ཁེ་ཕན་འདི་ དཔེར་ན་ ནད་ཡམས་ཀོ་ཝིཊ་༡༩ གི་གནས་སྟངས་བཟུམ་ནང་ཨིན་པ་ཅིན་ ལཱ་ག་ཅི་རང་འབད་ནི་ཡོད་རུང་ 

མི་ག་ར་འཛོམས་ཏེ་འབད་མ་དགོ་པར་ རང་སྟབས་བདེ་སྡུག་དང་བསྟུན་ འབད་ཚུགས་ནི་ཨིནམ་མ་ཚད་ སྡེ་ཚན་གྱི་ལཱ་འབད་དགོ་རུང་ 

འཐུས་མི་ག་ར་འདྲ་མཉམ་འབད་ བཅའ་མར་གཏོགས་ཚུགས་པའི་ ཕན་པ་འདུག།

གསུམ་པ་ མ་འོངས་པ་ནང་ལུ་ Google Doc.འདི་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་འབད་བའི་ནམ་དུས་ལུ་ལག་ལེན་འཐབ་ནི་ཨིན། དེ་

ཡང་ སློབ་སྟོན་གྱི་དོན་ཚན་དང་འཁྲིལ་ཏེ་ སློབ་ཁང་ནང་ལུ་ བསམ་འཆར་དེ་ཚུ་ལེན་པའི་སྐབས་དང་ སྡེ་ཚན་ནང་ལུ་ སྦྱོང་ལཱ་སྤྲོད་ཞིནམ་

ལས་ སྡེ་ཚན་རེ་རེ་ནང་ལུ་ སློབ་སྟོན་པ་རང་ཡང་ གདན་འདྲེན་འབད་བཅུག་སྟེ་ དེ་ནང་ལུ་ སློབ་ཕྲུག་ག་ར་གིས་ ག་དེ་སྦེ་བཅའ་མར་

གཏོགསཔ་ཨིན་ན་ བལྟ་ནིའི་དོན་ལུ་དང་། དེ་མ་ཚད་ སློབ་སྟོན་འདི་ ག་ར་གིས་ཧ་གོ་མ་གོ་དབྱེ་དཔྱད་འབད་ནིའི་དོན་ལུ་ དྲི་བ་དྲིས་ལན་

ཚུ་ཡང་ Google Doc.ལག་ལེན་འཐབ་སྟེ་འབད་ནི་ཨིན།

 


Comments

Popular posts from this blog

བསམ་ཞིབ་དང་པ།