བསམ་ཞིབ་བཞི་པ། 

དབང་པོ་སྐྱོན་ཞུགས་མི་ཚུ་ལུ་ ཕན་ཐབས་འབད་མིའི་ སྲ་ཆས་དང་མཉེན་ཆས་ཀྱི་འཕྲུལ་རིག་མཁོ་ཆས་ (Assistive technology) ལག་ལེན་འཐབ་ཐངས།

 

༉ འཛམ་གླིང་རྒྱལ་ཁབ་ ཕྱོགས་བཞི་མཚམས་བཞི་ག་ཏེ་ལུ་ཡང་ བརྡ་དོན་འཕྲུལ་རིག་ཚུ་མ་འདྲཝ་ གཅིག་བ་གཅིག་གནམ་མེད་ས་མེད་ 

ཁག་ཆེ་ཏོག་ཏོ་དང་ཁེ་ཕན་ཡོད་མི་ཙང་ཙ་ར་འཐོན་དོ་ཡོདཔ་ཨིན། དེ་བཟུམ་སྦེ་བརྡ་དོན་འཕྲུལ་རིག་གི་མཁོ་ཆས་ལེ་ཤ་ཡོད་པའི་ནང་ལས་ ད་

རེས་ནངས་པའི་དུས་ལུ་ སློབ་ཁང་ངོ་མའི་གནས་སྟངས་ནང་ལུ་ སློབ་ཕྲུག་ཨ་ལོ་དབང་པོ་སྐྱོན་ཅན་ཡོད་མི་ཚུ་གི་དོན་ལས་ ག་ཅི་ལག་ལེན་

འཐབ་ནི་ཡོདཔ་ཨིན་ན་དང་ དེའི་ཕན་པ་ཚུ་ ག་དེ་སྦེ་ཡོད་ག? དེ་ལས་ འཕྲུལ་རིག་གི་མཁོ་ཆས་འདི་ རིན་མེད་སྟོང་པར་སྦེ་འཐོབ་དང་མ་

འཐོབ་ཚུ་ རིམ་པ་བཞིན་དུ་བྲི་ནི་ཨིན།

   

༡༽   དང་པ་ བརྡ་དོན་འཕྲུལ་རིག་གི་མཁོ་ཆས་ Text-to-speech (TTS) ཟེར་ཚིག་ལས་ཐོས་སྒྲ་ (Audio) ལུ་འགྱུར་ཚུགས་པའི་ འཕྲུལ་རིག་འདི་ ཨ་ལོ་ཡི་གུ་ལྷག་མ་ཚུགས་པར་ལཱ་ཁག་བཏང་མིའི་དོན་ལུ་ ལག་ལེན་འཐབ་ཨིན་མས། འདི་ཡང་ TTS གི་གློག་རིག་ནང་ལུ་ཡོད་མི་ གནད་དོན་གྱི་རིགས་ག་ཅི་བཟུམ་ཨིན་རུང་ ཚིག་ནང་ཡོད་མི་ཚུ་ ཐོས་སྒྲ་ལུ་འགྱུརཝ་ཨིནམ་མ་ཚད་ འདི་གིས་ ཨ་ལོ་ཡི་གུ་ལྷག་མ་ཚུགས་མི་ཚུ་ལུ་ ཐོས་སྒྲ་ལུ་འགྱུར་མི་འདི་ རྣམ་ཅོ་གིས་ཉན་ཏེ་ གནད་དོན་ཧ་གོ་ཚུགསཔ་བཟོཝ་ཨིན་མས། ཚིག་ལས་ཐོས་སྒྲ་ལུ་འགྱུརཝ་ད་ ཐོས་སྒྲ་འདི་ གློག་རིག་ནང་ལས་རང་བཞིན་གྱིས་འཐོན་ནི་འདི་གིས་ སྐད་ཀྱི་སེང་ཕབ་ཚུ་ཡང་ ཨ་ལོ་ཁོང་རའི་རེ་འདོད་ལྟར་དུ་ བཟོ་བཏུབ་པའི་འཕྲུལ་ཆས་ཅིག་ཨིན་པས། ཚིག་ལས་ཐོས་སྒྲ་ལུ་འགྱུརཝ་ད་ ཚིག་ཤུགས་འབད་ལྷག་མི་ཚུ་ གཙོ་རྟགས་བཀལ་ཏེ་ ཨ་ལོ་ཚུ་གིས་ གཙོ་རྟགས་བཀལ་མི་ཚིག་མཐོང་ཚུགས་པའི་ཁར་ ཚིག་ཐོས་སྒྲ་ལུ་འགྱུར་མི་འདི་ རྣམ་ཅོ་གིས་གོ་ཚུགསཔ་ཨིན་པས།


TTS གིས་ ཕན་ཐོགས་ག་དེ་སྦེ་རང་འདུག་ཟེར་བ་ཅིན་ སློབ་ཁང་ནང་ལུ་ པར་སྐྲུན་གྱི་ཡིག་ཆ་ དཔེར་ན་ ལག་ཤོག་དང་ལྷག་དེབ་ཚུ་ 

སློབ་ཕྲུག་ལྷག་མ་ཚུགས་མི་ཚུ་ལུ་གནོད་པ་ཡོདཔ་ལས་ TTS འཕྲུལ་ཆས་འདི་ཡོད་པ་ཅིན་ ཚིག་དེ་ཚུ་མཐོང་ཚུགས་པའི་ཁར་ བློ་ག་ཅི་

སླབ་ཅིག་ གོ་ཚུགསཔ་ལས་ ཨ་ལོ་ཚུ་ལུ་ལྷག་ནིའི་རིག་རྩལ་སྣ་ཚོགས་འཐོབ་ཨིན་པས། འདི་ཡང་ དང་པ་ ཚིག་ཚུ་ངོས་འཛིན་འབད་

ཚུགས་ནི་ལུ་ ཕན་ཐོགས་དང་གཉིས་པ་ གནོད་དོན་ཚུ་ལྷག་པའི་སྐབས་ ལྷག་ཚར་མི་གནོད་དོན་ཚུ་ དྲན་ཚུགས་ནི་ལུ་ ཕན་ཐོགས་འབྱུང་

ཚུགས་པའི་ཁར་ ལྷག་པའི་སྐབས་ལུ་ཡང་ དྲན་པ་དང་ཤེས་བཞིན་གྱི་ཐོག་ལས་ ལྷག་ཚུགསཔ་ཨིན་པས། གསུམ་པ་ གནོད་དོན་ལྷག་

པའི་སྐབས་ལུ་ དམིགས་པ་འདི་ གནོད་དོན་ཧ་གོ་ནི་ལུ་བསྐྱེད་དེ་ ལྷག་ནི་ལུ་ཁེ་ཕན་འདུག།

  TTS ཟེར་མི་འཕྲུལ་རིག་མཁོ་ཆས་འདི་ རིན་མེད་སྟོང་པར་སྦེ་ ལག་ལེན་འཐབ་མི་ཆོག་པས། དེ་ཡང་ ང་བཅས་ཀྱིས་ཚིག་ལས་ཐོས་

སྒྲ་( Audio) ལུ་ ག་དེམ་ཅིག་བསྒྱུར་བཅོས་འབད་མི་དང་འཁྲིལ་ཏེ་ ཟླཝ་རིམ་བཞིན་དུ་ འདི་གི་རིན་སྤྲོད་དགོཔ་འབད་འདུག།



༢༽  གཉིས་པ་ དབང་པོ་སྐྱོན་ཡོད་མི་ཚུ་ལུ་ སྤྱིར་བཏང་གི་གློག་རིག་ Assistive technology འདི་ག་ཅི་རང་འདུག་ཟེར་བ་ཅིན་  

འགུལ་སྐྱོད་འབད་བཏུབ་མི་ Mobility ནང་ལུ་  དང་པ་ སྦྱོང་རྡར་འབད་མི་ རོ་ཁྱི་འདི་ཨིན་མས། རོ་ཁྱི་འདི་གིས ཇོ་བདག་ཡན་ལག་

སྐྱོན་ཞུགས་མི་ དཔེར་ན་ ལམ་འགྱོ་མ་ཚུགས་མི་ཅིག་ཨིན་པ་ཅིན་ རོ་ཁྱི་གིས་ཅ་ལ་ཚུ་འཐུ་བྱིན་ནི་ལུ་ཆ་རོགས་འབདཝ་ཨིན་པས། འདི་གི་

ཡང་མ་ཚད་ རོ་ཁྱི་འདི་གིས་ མི་མངམ་ཡོད་སའི་ ས་གནས་ཚུ་ནང་ལུ་ཡང་ ཇོ་བདག་གཅིག་ཁར་ ལམ་སྟོན་འབད་ནི་ལུ་ཆ་རོགས་

འབདཝ་ཨིན་པས། 


དེ་ལས་ འཁརཝ་འདི་ཡང་ མིག་ཏོ་ལུ་སྐྱོན་ཞུགས་མི་དང་ རྐངམ་ཡར་ལོང་མ་ཚུགས་མི་ཚུ་ལུ་ གྲོགས་རམ་གི་བློག་རིག་སྦེ་ ངོས་

འཛིན་འབད་ནུག། 

འདི་གི་ཁེ་ཕན་དེ་ཡང་ མིག་གི་དབང་པོ་ལུ་ སྐྱོན་ཕོག་མི་ཚུ་ལུ་ ལམ་འགྱོ་ནི་ལུ་ཆ་རོགས་འབདཝ་ཨིནམ་མ་ཚད་ ཡར་ལོང་མ་ཚུགས་མི་ལུ་ 

འཁརཝ་འདི་ས་ཁར་ སྟེག་བཞག་སྟེ་ཡར་ལོང་ཚུགས་ནི་ལུ་ ཆ་རོགས་འབདཝ་ཨིན་མས།


དེ་གི་ཡང་མ་ཚད་ Electronic Mobility Aids ཟེར་མི་འདི་ མི་ལས་ལྷག་སྟེ་གོ་ཚུགས་མི་ Ultrasonic waves འདི་ལག་ལེན་འཐབ་སྟེ་ འདི་གིས་  མིག་གིས་མ་མཐོང་མི་ཚུ་གི་གདོང་ཁར་ལས་ ག་ཅི་རང་འོང་དོ་ག་ཚུ་ སླབ་ཚུགས་པའི་ནུས་པ་འདུག། དེ་བཟུམ་སྦེ་ འཕྲུལ་ཆས་ཀྱི་མཁོ་ཆས་   Electronic Aid འདི་གིས་ གདོང་ཁ་གི་དངོས་པོ་ རིང་ཚད་ཕིད་ ༩.༣༥ གི་ས་ཁར་ཡོད་མི་ཚུ་ ངོས་འཛིན་འབད་ཚུགས་དོ་ཡོདཔ་ཨིན་པས།



 

༣༽ གསུམ་པ་ འཛམ་གླིང་ནང་ལུ་ དར་ཁྱབ་ཆེ་བའི་མཁོ་ཆས་ Windows 

screen reader ཟེར་མི་ཅིག་འདུག། Screen 

reader ཟེར་མི་འདི་ གློག་རིག་མཉེན་ཆས་ལས་རིམ་ནང་ལས་ མིག་གི་དབང་པོ་ལུ་ སྐྱོན་ཞུགས་མི་ཚུ་གིས་ གློག་རིག་ 

Computer ནང་གི་གནད་དོན་ཚུ་ Speech synthesizer དང་ Braille display འདི་ལག་ལེན་འཐབ་སྟེ་ ལྷག་ཚུགས་

ནི་གི་འཕྲུལ་ཆས་ཅིག་ཨིན་པས། Window screen reader གི་ནང་ལས་ དར་ཁྱབ་ཆེ་མི་འདི་ Jaws Job Access 

with speech  འདི་ཨིན་པས། འཕྲུལ་ཆས་འདི་གིས་ གློག་རིག་ནང་གི་གནོད་དོན་ཚུ་ག་ར་ ལྷག་ཚུགསཔ་བཟོཝ་ཨིནམ་མ་ཚད་ འདི་

གིས་ ཚིག་ནང་ཡོད་མི་ཚུ་ བློ་ལུ་འགྱུར་ཏེ་ མིག་གི་དབང་པོ་ལུ་སྐྱོན་ཞུགས་མི་ཚུ་གིས་ མིག་ཏོ་གིས་ལྷག་མ་ཚུགས་རུང་ Window 

screen reader གིས་ ཚིག་ལས་བློ་ལུ་འགྱུར་ཏེ་ གནོད་དོན་ཧ་གོ་ཚུགསཔ་ཨིན་པས།







Jaws  ཟེར་མི་འཕྲུལ་ཆས་འདི་ དུས་ཡུན་སྐར་མ་ ༤༠ གི་རིང་ལུ་རིན་མེད་སྟོང་པ་སྦེ་ལག་ལེན་འཐབ་བཏུབ་རུང་ དུས་ཡུན་འདི་ཚང་

པའི་བསྒང་ལས་ ལོག་ Rebot འབད་དགོཔ་ཨིན་མས།

 

མཇུག་ར་ དུས་ཀྱི་འགྱུར་བ་དང་བསྟུན་ བརྡ་དོན་འཕྲུལ་རིག་གི་མཁོ་ཆས་ མ་འདྲཝ་འཐོན་མི་ལས་བརྟེན་ མི་དབང་པོ་སྐྱོན་ཞུགས་མི་དེ་

ཚུ་ཡང་ ག་ཅི་རང་འབད་དགོ་རུང་ འཕྲུལ་ཆས་ཀྱིས་འབད་ དབང་པོ་སྐྱོན་མེད་མི་ཚུ་དང་འདྲ་མཉམ་སྦེ་ འབད་ཚུགས་པའི་གོ་སྐབས་འདུག་

ཟེར་ཞུ་ནི་ཨིན།

 

 

 

 

 


Comments

Popular posts from this blog

བསམ་ཞིབ་དང་པ།