བསམ་ཞིབ་གཉིས་པ།
བསམ་ཞིབ་གཉིས་པ། camtasia ཟེར་འདི་ ང་བཅས་ག་ར་ལུ་ ཕན་ཐོགས་ཅན་གྱི་འཕྲུལ་རིགས་ཅིག་ཨིན་མས་ ཟེར་ཞུ་ནི་ཨིན། དེ་ཡང་ ག་དེ་སྦེ་སྨོ་ཟེར་བ་ཅིན་ དང་པ་ camtasia ནང་ལུ་ གློག་བརྙན་སློབ་སྟོན་འདི་ འགུལ་བརྙན་ (Animation) དང་སོར་སྒྱུར་ (Transition) དེ་ཚུ་མ་འདྲཝ་བཙུགས་ཏེ་ སྤྲོ་བ་ཆེ་ཏོག་ཏེ་སྦེ་བཟོ་ཚུགསཔ་མ་ཚད་ འདི་བཟོ་བའི་སྐབས་ རང་གིས་སྒྲ་བཟུང་འབདཝ་ད་ འཛོལ་བ་དང་མ་བཏུབ་རེ་ཡོད་པ་ཅིན་ དེ་ཚུ་བཏོག་གཏང་སྟེ་ དགོ་མི་དེ་ཚུ་ག་ར་གཅིག་ཁར་མཐུད་བཏུབ་པས། ལྷག་པར་དུ་ འཕྲུལ་རིགས་འདི་གིས་ སློབ་སྟོན་གློག་བརྙན་རྐྱངམ་ཅིག་བཟོ་བཏུབ་ནི་མེན་པར་ གློག་བརྙན་སོ་སོ་དེ་ཚུ་ཡང ཞུན་དག་འབད་བཏུབ་པའི་ཁེ་ཕན་འདུག་ཟེར་ཞུ་ནི་ཨིན། སྒྲུབ་བྱེད། དུས་ཀྱི་འགྱུར་བ་དང་བསྟུན་ འཕྲུལ་རིགས་ལག་ལེན་འཐབ་མ་ཤེས་མི་ག་ཡང་མེདཔ་ལས་ རང་མ་འོངས་པའི་སློབ་དཔོན་ཅིག་འབདཝ་ལས་ ག་དེམ་ཅིག་སྦེ་ སློབ་གྲྦ་ཁག་ཚུ་ནང་ལས་ཕར་ སློབ་སྟོན་དང་འབྲེལ་བའི་ ཁ་སྐོང་གནས་ཚུལ་རེ་བྱིན་དགོཔ་འཐོན་པ་ཅིན་ camtasia ནང་ལུ་གློག་བརྙན...